工布江达县人民政府

政府信息公开

工布江达县嘎多果措(蓝心湖)关于2026年虫草采挖期间暂停开放的通知

发布时间:2026-05-07   浏览次数:   【字体:


尊敬的各位游客:

嘎多果措(蓝心湖)位于工布江达县仲莎乡结牧村,地处海拔4500米以上高原区域,属未经开发的原始自然区域。该区域自然环境复杂、通讯信号薄弱、安全隐患突出,且生态系统极其脆弱,易受人为活动破坏。

虫草采挖是本地群众的传统生产活动,关系到群众的财产安全与合法权益。为切实保障虫草采挖期间的生产秩序,维护区域公共管理安全,守护脆弱的生态环境,经仲莎乡人民政府研究决定,虫草采挖期间对嘎多果措(蓝心湖)实行全域封闭管理,暂停对外开放。现将有关事项通知如下:

一、封闭时间

2026年5月1日至2026年6月30日(即2026年虫草采挖全周期)。

二、管控要求

封闭期间,嘎多果措(蓝心湖)全域暂停对外开放,严禁任何游客及无关车辆、人员进入沟口及景区管控范围。林业管护站将实行全时段值守管控,对入口区域进行严格查验。请各位计划前往的游客提前调整行程,合理规划出行路线,避免徒劳往返。

对不服从现场管理、强行闯入管控区域、违规穿越或破坏管控设施等行为,将依法依规严肃处理,由此产生的一切责任和后果由当事人自行承担。

三、开放时间提示

预计2026年7月1日恢复对外开放,具体开放时间将另行发布官方通知,请各位游客密切关注官方发布信息,切勿轻信非官方渠道消息。

四、咨询与应急联系方式

为方便各位游客咨询相关事宜及应对突发情况,现将相关联系方式公布如下:

1.仲莎乡人民政府值班/应急电话:0894-5412720

2.仲莎乡派出所电话:0894-5412740

3.仲莎乡卫生院电话:13648943660

4.结牧村村委会主任(旦增次仁):18008943166

敬请广大游客充分理解、积极支持本次封闭管控工作,自觉遵守管控规定,共同守护嘎多果措(蓝心湖)的生态环境和区域公共秩序。

本通知已在各进入路口、林业管护站及官方平台同步发布,最终解释权归工布江达县仲莎乡人民政府所有。

工布江达县仲莎乡人民政府

2026年4月27日

༄༅། །༢༠༢༦ལོའི་དབྱར་རྩྭ་དགུན་འབུ་འཐུ་སྒྲུག་བྱེད་རིང་ཀོང་པོ་རྒྱ་མདའ་རྫོང་

ཀ་ཏོག་ཀོ་མཚོ་(སྙིང་གཟུགས་མཚེའུ་སྔོན་མོ་)གནས་སྐབས་སྒོ་མི་འབྱེད་པའི་སྐོར་གྱི་

བརྡ་ཐོ།

གུས་ཤིང་བརྩེ་བའི་ཡུལ་སྐོར་བ་ལྷན་རྒྱས། 

  ཀ་ཏོག་ཀོ་མཚོ་(སྙིང་གཟུགས་མཚེའུ་སྔོན་མོ་)ནི་ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་བྱེ་འབྲོག་གྲོང་ཚོའི་མངའ་ཁོངས་སུ་གནས་པ་དང་། མཚོ་རྩིས་སྨི་༤༥༠༠ཡན་ཡོད།  གསར་སྤེལ་བྱས་མེད་པའི་གདོད་མའི་རང་བྱུང་ཁོངས་གཏོགས་ཡིན། ས་ཁོངས་འདི་ནི་རང་བྱུང་ཁོར་ཡུག་རྙོག་འཛིང་ཆེ་བ་དང་འཕྲིན་སྐྱེལ་བརྡ་རྟགས་ཞན་པ།  བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་སླ་བ་མ་ཟད་སྐྱེ་ཁམས་མ་ལག་ཉམས་ཞན་པ།  མིས་བཟོས་གཏོར་བཤིག་གི་གཏོར་སྐྱོན་ཐེབས་སླ་བ་བཅས་ཡོད།།

  དབྱར་རྩྭ་དགུན་འབུ་འཐུ་སྒྲུག་བྱ་རྒྱུ་ནི་ས་གནས་དེ་གའི་མང་ཚོགས་ཀྱི་སྲོལ་རྒྱུན་ཐོན་སྐྱེད་བྱེད་སྒོ་ཞིག་ཡིན་པ་དང་། མང་ཚོགསཀྱི་རྒྱུ་ནོར་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་དང་འབྲེལ་ཡོད། དབྱར་རྩྭ་དགུན་འབུ་འཐུ་སྒྲུག་རིང་གི་ཐོན་སྐྱེད་སྒྲིག་ལམ་འགན་ལེན་ཏན་ཏིག་ཡོང་ཆེད།  ཁོངས་གཏོགས་ཀྱི་སྤྱི་པའི་བདེ་འཇགས་དོ་དམ་ལ་སྲུང་སྐྱོང་དང་ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་ཕྱིར། གྲོང་གསར་ཤང་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད།  དབྱར་རྩྭ་དགུན་འབུ་འཐུ་སྒྲུག་བྱེད་རིང་། ཀ་ཏོག་ཀོ་མཚོ་(སྙིང་གཟུགས་མཚེའུ་སྔོན་མོ་)ས་ཁོངས་ཡོངས་སུ་བཀག་སྡོམ་དོ་དམ་གྱི་ལག་བསྟར་བྱེད་རྒྱུ་དང་གནས་སྐབས་ཕྱི་ཕྱོགས་སུ་སྒོ་མི་འབྱེད་པའི་ཐག་གཅོད་བྱས་ཡོད། ད་ལྟ་འབྲེལ་ཡོད་དོན་དག་བརྡ་ཐོ་གཤམ་གསལ།།

  གཅིག བཀག་སྡོམ་དུས་ཚོད། 

  ༢༠༢༦ལོའི་སྤྱི་ཟླ་༥ཚེས་༡ཉིན་ནས་༢༠༢༦ལོའིསྤྱི་ཟླ་༦ཚེས་༣༠ཉིན་བར་(༢༠༢༦ལོའི་དབྱར་རྩྭ་དགུན་འབུ་འཐུ་སྒྲུག་གི་དུས་འཁོར་ཧྲིལ་པོ། ) 

  གཉིས། དོ་དམ་ཚོད་འཛིན་གྱི་བླང་བྱ། 

  བཀག་སྡོམ་བྱེད་རིང་། ཀ་ཏོག་ཀོ་མཚོ་(སྙིང་གཟུགས་མཚེའུ་སྔོན་མོ་)ས་ཁོངས་ཡོངས་སུ་གནས་སྐབས་ཕྱི་ཕྱོགས་སུ་སྒོ་འབྱེད་མཚམས་འཇོག་རྒྱུ་ཡིན་པས། ཡུལ་སྐོར་བ་དང་དེ་བཞིན་འབྲེལ་མེད་རླངས་འཁོར།  མི་སྣ་སུ་འདྲ་ཞིག་ཡིན་རུང་ལུང་ཤུར་དང་མཛེས་ལྗོངས་ཁུལ་གྱི་དོ་དམ་ཚོད་འཛིན་བྱེད་ཁོངས་སུ་འགྲོ་རྒྱུ་གཏན་འགོག་བྱ་རྒྱུ་ཡིན། ནགས་ལས་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱིས་དུས་མཚམས་ཧྲིལ་པོའི་ནང་སྡོད་བྱའི་དོ་དམ་ཚོད་འཛིན་བྱས་ནས།  འཛུལ་སྒོའི་ས་ཁོངས་ལ་ཞིབ་བཤེར་ནན་པོ་བྱ་རྒྱུ་ཡིན་པས། ཕེབས་རྩིས་ཡོད་པའི་ཡུལ་སྐོར་བ་རྣམ་པས་སྔོན་ནས་ལམ་ཐག་ལེགས་སྒྲིག་དང་ལུགས་མཐུན་ངང་ཕྱིར་སྐྱོད་ལམ་ཐིག་འཆར་འགོད་བྱས་ཏེ། དོན་མེད་སྟོང་རྒྱུག་མི་ཡོང་བ་གནང་རོགས།།

  ས་ཡུལ་དངོས་ཀྱི་དོ་དམ་ལ་བརྩི་སྲུང་མི་ཞུ་བ་དང་། དོ་དམ་ཚོད་འཛིན་གྱི་ས་ཁོངས་སུ་བཙན་ཤེད་ཀྱིས་འཛུལ་བ། སྒྲིག་འགལ་ངང་དོ་དམ་ཚོད་འཛིན་སྒྲིག་བཀོད་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་བྱ་སྤྱོད་ལ། ཁྲིམས་སྲོལ་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་དང་།  དེ་ལས་ཐོན་པའི་འགན་འཁྲི་དང་མཇུག་འབྲས་ཚང་མ་དོ་བདག་རང་ཉིད་ཀྱིས་འཁུར་རྒྱུ།།

  གསུམ། སྒོ་དབྱེའི་དུས་ཚོད་ཀྱི་དྲན་སྐུལ། 

  སྔོན་དཔག་བྱས་ན ༢༠༢༦ལོའི་སྤྱི་ཟླ་༧ཚེས་༡ཉིན་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་སླར་གསོ་བྱ་རྒྱུ་དང་། ཞིབ་ཕྲའི་སྒོ་འབྱེད་དུས་ཚོད་ནི་ལོགས་སུ་གཞུང་ཕྱོགས་ནས་བརྡ་ཐོ་གཏོང་རྒྱུ་ཡིན་པས།  ཡུལ་སྐོར་བ་ཚོས་གཞུང་ཕྱོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་ལ་དོ་སྣང་ཆེན་པོ་བྱེད་པ་ལས་གཞུང་ཕྱོགས་མིན་པའི་ཆ་འཕྲིན་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་།

  བཞི། བློ་འདྲི་དང་འཕྲལ་སྡོམ་འབྲེལ་གཏུག་བྱེད་སྟངས།

  ཡུལ་སྐོར་བ་རྣམ་པས་འབྲེལ་ཡོད་གནས་ཚུལ་བློ་འདྲི་དང་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་རྒྱུར་སྟབས་བདེ་ཡོང་ཆེད། ད་ལྟ་འབྲེལ་ཡོད་ཀྱི་འབྲེལ་གཏུག་བྱ་ཐབས་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།།

  ༡. གྲོང་གསར་ཤང་མི་དམངས་སྲིད་གཞུང་གི་སྡོད་བྱ་/འཕྲལ་སྡོམ་ཁ་པར་ཨང་གྲངས་༠༨༩༤-༥༤༡༢༧༢༠

  ༢.གྲོང་གསར་ཤང་མངགས་གཏོང་ཁང་གི་ཁ་པར་ཨང་གྲངས་ ༠༨༩༤-༥༤༡༢༧༤༠ 

  ༣. གྲོང་གསར་ཤང་འཕྲོད་བསྟེན་ཁང་གི་ཁ་པར་ཨང་གྲངས་ ༡༣༦༤༨༩༤༣༦༦༠

  ༤.བྱེ་འབྲོག་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན (རྟ་མགྲིན་ཚེ་རིང་།) ༡༨༠༠༨༩༤༣༡༦༦

  རྒྱ་ཆེའི་ཡུལ་སྐོར་བས་ད་ཐེངས་ཀྱི་བཀག་སྡོམ་དོ་དམ་ལས་དོན་ལ་བསམ་ཤེས་གང་མང་དང་རྒྱབ་སྐྱོར་ཧུར་ཐག་གནང་རྒྱུ་དང་།  རང་འགུལ་ངང་དོ་དམ་ཚོད་འཛིན་གྱི་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་ཀ་ཏོག་ཀོ་མཚོ་(སྙིང་གཟུགས་མཚེའུ་སྔོན་མོ་)སྐྱེ་ཁམས་ཁོར་ཡུག་དང་ས་ཁོངས་ཀྱི་སྤྱི་པའི་སྒྲིག་ལམ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། 

  བརྡ་ཐོ་དེ་ལམ་མདོའི་འཛུལ་ས་དང་། ནགས་ལས་དོ་དམ་སྲུང་སྐྱོང་ས་ཚིགས། གཞུང་ཕྱོགས་ཀྱི་ལས་སྟེགས་བཅས་ཁག་སོ་སོར་དུས་གཅིག་ཏུ་ཡོངས་བསྒྲགས་བྱ་རྒྱུ་དང་། མཐའ་མའི་འགྲེལ་བཤད་རྒྱག་དབང་ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་མི་དམངས་སྲིད་གཞུང་ལ་དབང་ཡོད།།།།

ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་མི་དམངས་སྲིད་གཞུང་ནས

༢༠༢༦ལོའི་ཟླ་༤ཚེས་༢༧ཉིན།